རྫོང་སར།


PV HOME     MAP    འགྲེལ་བཤད།     CREDITS & THANKS     GALLERY    MORE INFO    PURCHASE
Hospital Carving Hostel Photos Monastic College Pottery Painting Sewing Smithing Monastery Weaving Metalwork Casting Holy Site Photos Holy Site Photos Pema Shelpuk Mountain Photos Retreat Dopu Valley Photos Siling Lake Photos Ngandra Mountain Photos Credits

འགྲེལ་བཤད། 

འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དུ་ཆགས་པའི་རྫོང་སར་ནི་བོད་མི་༡༢༠༠༠ཙམ་གྱི་ཁྱིམ་གཞིས་ཡིན། ཁོང་ཚོའི་འཚོ་བ་ནི་ཕྱུགས་འཚོ་སྐྱོང་དང་ལོ་རེའི་རྩམ་པའི༼ནས་ཀྱི༽སྟོན་ལས་ལ་བརྟེན་ཡོད། རྫོང་སར་ནི་གཡུ་ཐོག་ཡོན་ཏན་མགོན་པོ་སྨན་བཅོས་ལྟེ་གནས་ཀྱི་ཁྱིམ་གཞིས་ཀྱང་ཡིན། སྨན་བཅོས་ཁང་དེ་ནི་ཐུན་མོང་མ་ཡིན་པའི་ས་གནས་རིག་གནས་སླར་གསོའི་འབད་རྩོལ་ཞིག་ཡིན་ཞིང་། ཐོག་མར་བོད་སྨན་ཁང་ཞིག་ཡིན་ཡང་ཕྱིས་སུ་རྒྱ་བསྐྱེད་ནས་རི་མོ་དང་ཐང་ག་ཚོན་བྲིས། ལྡེབས་རིས། ཁང་པའི་རྒྱན་བཀོད་ཀྱི་ཚོན་བྲིས། ཤིང་བཟོའི་ལག་ཤེས། ཤིང་རྐོས། གསེར་དངུལ་བཟོ་ལས། མགར་བཟོ། ལི་སྐུ་ལུགས་རྒྱག་པ། འཇིམ་རྐོས། རྫ་མ་བཟོ་ལས། ཚེམ་ལས། འཁེལ་ལས། འཐག་ལས་བཅས་འདུས་པའི་ཁྱོན་ཡངས་ཀྱི་སྒྱུ་རྩལ་དང་ལག་རྩལ་གྱི་ལས་རིགས་ཟབ་སྦྱོང་གསར་དུ་བཙུགས།

སྡེ་ཁུལ་གྱི་ས་ཁྲ་དང་མཉམ་འབྲེལ་གཟུགས་ལམ་དག་ཕྱི་ལོ་༢༠༠༧ཟླ་བཅུ་པར། གཡུ་ཐོག་ཡོན་ཏན་མགོན་པོ་སྨན་བཅོས་ལྟེ་གནས་ཀྱི་མཉམ་ཞུགས་པ་དང་ཁམས་གློག་བརྙན་ལས་གཞིའི་མཐུན་སྦྱོར་བ་བཅས་ནས་བཟོ་སྐྲུན་བྱས། གཟུགས་ལམ་འདི་ནི་ས་གནས་དེ་གའི་མཐུན་ཚོགས་མི་སྣས་བརྙན་ལེན་དང་འཆར་འགོད་བྱས་པ་ཡིན་ལ། ལས་གཞི་མཐུན་སྦྱོར་བ་ཚེ་རིང་འཕེལ་ལོས་ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར་གཉིས་ཀྱི་བསམ་འཆར་དང་བསྟུན་ནས་ཕྱོགས་སྒྲིག་བྱས།

གཡུ་ཐོག་ཡོན་ཏན་མགོན་པོ་སྨན་བཅོས་ལྟེ་གནས་ཁང་དང་མཉམ་སྦྲེལ་བྱས་ཤིང་། ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པའི་གཏོང་ཕོད་རྒྱབ་སྐྱོར་ལ་བརྟེན་ནས་ད་གཟོད་འབྱུང་སྲིད་པའི་མཐུན་རྐྱེན་གྲུབ་པ་ཞིག་ཡིན།


Credits & Thanks

Participant Filmmakers
Doga
Chimé Dorjé
Trinley Dorjé
Tra Chimé Dorjé
Trabu Chimé Dorjé
Trabu Tashi Lhamo

Facilitators
Nelson Walker III
Rikpé Dorjé
Philip Maysles
Tsering Perlo

Editor
Tsering Perlo

Additional Interviews
Sönam Topgyel
Chönyi Dorjé

Additional Camerawork
Nelson Walker III

Subtitles/Translation
Tsering Perlo
Jann Ronis
Chelsea Hall
William McGrath

Series Producers
Lynn True
Nelson Walker III

Special Thanks
David Germano
Cecil Matthai Esquivel-Obregón
Trabu Chimé Dorjé
Luore Phuntzok
Staff of the Dzongsar Tibetan Hospital
University of Virginia
Columbia University


Photo Gallery


More Info

For more information about Dzongsar and the Yothok Yonden Gonpo Medical Association, please visit their website.
Click HERE.