མཉམ་ཞུགས་ཀྱི་གཟུགས་ལམ་སྐོར།


ཉེ་བའི་ལོ་ཤས་ཀྱི་ནང་དུ། གློག་བརྙན་བཟོ་སྐྲུན་དང་པར་རྒྱག་པ། གཞན་གྱི་གློག་རྡུལ་འཕྲིན་སྦྱོར་གྱི་རྣམ་པས་བོད་དང་ཧི་མ་ལ་ཡ་རི་རྒྱུད་ཀྱི་སྤྱི་ཚོགས་ཁྲོད་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་འཁྲབ་ཚན་གཙོ་ཆེན་ཞིག་ཏུ་གྱུར་བར་མཚོན་ཡོད། གློག་རྡུལ་གྱི་བཟོ་རྩལ་ནི་འབྲེལ་ལམ་ཀྱི་འབུར་ཐོན་ཡོ་ཆས་དང་། གསར་གཏོད་རང་བཞིན་ལྡན་པའི་རང་དོན་མཚོན་བྱེད་ཀྱི་ལག་ཆ། ད་དུང་སྲོལ་རྒྱུན་རིག་གནས་བསྐྱར་དྲན་དང་སླར་སྤེལ་གྱི་མཁོ་ཆས་གལ་ཆེན་དུ་གྱུར་ཡོད།

ང་ཚོའི་མཉམ་ཞུགས་གཟུགས་ལམ་ཟབ་སྦྱོང་ནི་བོད་དང་ཧི་མ་ལ་ཡ་རི་རྒྱུད་ཀྱི་སྤྱི་ཚོགས་ཁྲོད་དུ་གསར་གཏོད་རང་བཞིན་ལྡན་པའི་འཕྲིན་སྦྱོར་བཟོ་སྐྲུན་ལ་སྤོབས་པ་བསྐྱེད་པའི་དམིགས་ཡུལ་བཟུང་ཡོད། ཟབ་སྦྱོང་འདི་ནི་ལོ་ཚོད་དང་རྒྱབ་ལྗོངས། ཉམས་མྱོང་གི་རིམ་པ་མི་གཅིག་པའི་མི་སྒེར་ཀུན་གྱི་གློག་བརྙན་བཟོ་སྐྲུན་གྱི་ངར་ཤུགས་སམ་སྤྲོ་ངར་མཉམ་རོལ་བྱ་བར་འཆར་བཀོད་བྱས་ཡོད། ཟབ་སྦྱོང་གི་ཁྲོད་དུ། ང་ཚོས་གློག་བརྙན་བཟོ་སྐྲུན་ཀྱི་གོ་རིམ་ནང་དུ་མི་སྒེར་ཀྱི་ནུས་ཤུགས་གོང་སྤེལ་དང་སྤྱི་ཚོགས་མཐུན་སྦྲེལ་ཀྱི་ནུས་ཤུགས་སྐྱེད་པར་བློ་རྩེ་གཏད་ཡོད།

  འཚོལ་ཞིབ།   →

འཚོལ་ཞིབ། 

  འཚོལ་ཞིབ།   →

འཚོལ་ཞིབ། 

དཔལ་ལྷ་སྒང་ས་ཁྱོན་ཆུང་ཡང་ཁམས་མི་ཉག་རིག་གནས་ས་ཁུལ་གྱི་ཆ་ཤས་གཙོ་གྲས་སུ་གྲུབ་ཡོད། མིང་དུ་གྲགས་པའི་མི་ཉག་གསེར་གྱི་མཆོད་རྟེན་ཆེན་མོ་དེ་སྤྲུལ་སྐུ་བཀྲ་ཤིས་ཀྱིས་བཞེངས།

གྱུང་པ་ནི་ཁམས་ཀྱི་ལྟེ་བར་གནས་པའི་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་ཚོ་ཞིག་ཡིན། ས་གནས་དེ་གའི་ཡུལ་མི་རྣམས་ཀྱིས་མ་དངུལ་གཏོང་འཇོག་བྱས་ཏེ་སློབ་ཆུང་བཙུགས་པས། དེ་གའི་སྤྱི་ཚོགས་ཡོངས་ཀྱི་བསྐྱར་གསོའི་རྨང་གཞི་དེ་རྒྱ་ཆེན་པོར་ཡོང་བར་ནུས་ཤུགས་བསྐྱེད་ཡོད།

  འཚོལ་ཞིབ།   →

འཚོལ་ཞིབ། 

  འཚོལ་ཞིབ།   →

འཚོལ་ཞིབ། 

རྫོང་སར་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་དུ་ས་ཆ་གཞན་དང་བར་བཅད་ནས་གནས་པའི་སྡེ་ཁུལ་ཞིག་སྟེ། དེ་གའི་ཐུན་མོང་མ་ཡིན་པའི་རིག་གནས་བསྐྱར་གསོའི་ལས་གཞི་དེ་ས་གནས་ཀྱི་སྨན་ཁང་ནས་འགོ་བརྩམས་སོ།

སེར་ཤུལ་དགོན་ནི། གྲྭ་པ་༡༣༠༠ཙམ་ཞིག་གི་བཞུགས་གནས་ཡིན་ཞིང་། ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེས་ཆེ་ཤོས་སུ་གྱུར་ཡོད་ལ། རྫ་ཆུ་ཁ་རྫོང་གི་ཆོས་ལུགས་ལྟེ་གནས་སུ་གྱུར་ཡོད། རྫོང་དེ་ནི་ཟི་ཁྲོན་ཞིང་ཆེན་གྱི་ཆེས་མཐོ་བ་དང་ཆེས་ཆེ་བ། ཆེས་གྲང་བ། ཆེས་དབུལ་བ། ཆེས་རྒྱང་ཐག་རིང་བ་ཞིག་ཡིན།

  འཚོལ་ཞིབ།   →

འཚོལ་ཞིབ། 

འབྲུག་རྒྱལ་ཁབ། གློག་བརྙན་འདི་ཚོ་ན་གཞོན་གོང་འཕེལ་ལྟེ་གནས་ཀྱི་སློབ་མ་རྣམས་ཀྱིས་བཟོས་པ་ཡིན་ཏེ། དེ་ནི་འབྲུག་རྒྱལ་ཁབ་ཀྱི་ཐིམ་ཕུག་གྲོང་ཁྱེར་དུ་གནས་པའི་སྤྱོད་སྒོ་རྣམ་མང་གི་ན་གཞོན་ལྟེ་གནས་ཤིག་ཡིན། དེ་གའི་ན་གཞོན་རྣམས་ཀྱིས་སློབ་ཚན་ལས་གཞན་པའི་ཐོན་སྐྱེད་ཅན་གྱི་བྱ་འགུལ་སྒྲིག་འགོད་བྱེད་ཆོག

  འཚོལ་ཞིབ།   →

འཚོལ་ཞིབ། 

༢༠༡༠ལོའི་དབྱར་ཁའི་ཤེས་རྒྱ་ཕྱུག་གཏོང་ལས་གཞི། གློག་བརྙན་འདི་ཚོ་ནི་༢༠༡༠ལོའི་དབྱར་ཁར་མ་གཅིག་ཚོགས་པའི་དབྱར་ཁའི་ཤེས་རྒྱ་ཕྱུག་གཏོང་ལས་གཞིའི་ཆ་ཤས་སུ་བཟོ་སྐྲུན་བྱས་པ་ཡིན། དེ་ནི་ཐུན་མོང་མ་ཡིན་པའི་དབྱར་ཁའི་སློབ་སྦྱོང་ལས་གཞི་ཞིག་སྟེ། དེས་བོད་ཀྱི་ན་གཞོན་རྣམས་ལ་སྒུལ་ཤུགས་ལྡན་པའི་སློབ་གསོའི་གོ་སྐབས་སྤྲོད་པ་ཡིན།