སེར་ཤུལ་དགོན།


འགྲེལ་བཤད། 

གྲྭ་པ་༡༣༠༠ཡི་ཁྱིམ་གཞིས་སུ་གྱུར་བའི་སེར་ཤུལ་དགོན་པ་ནི། ཁམས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེ་ཤོས་སུ་གྱུར་ཡོད་ལ། ཟི་ཁྲོན་ཞིང་ཆེན་གྱི་ཆེས་མཐོ་དང་ཆེས་ཆེ། ཆེས་དབུལ། ཆེས་གྲང་། ཆེ་ཐག་རིང་གི་རྫོང་སྟེ་རྫ་ཆུ་ཁ་རྫོང་གི་ཆོས་ལུགས་ཀྱི་ལྟེ་གནས་དུ་གྱུར་ཡོད། དགོན་པ་དེ་ཕྱི་ལོ་༡༧༦༠ལོར་གསར་དུ་བཏབ། རིག་གནས་བརྗེ་ཆེན་པོའི་སྐབས་སུ་ཁང་བརྩེགས་མང་པོ་ཞིག་གཏོར་སྐྱོན་དུ་ཤོར་ཡང་། དེ་རྗེས་ནས་ད་བར་དུ་ཉམས་པ་སོར་ཆུད་དང་སླར་གསོ་བྱས། དགོན་འདིར་སྐུ་གདུང་གཙོ་ཆེན་མང་པོ་གནས་ཤིང་། དེ་ཚོའི་ཁྲོད་དུ་རྗེ་ཙོང་ཁ་བའི་ཚེམས་བཞུགས། རྗེ་འདི་ཉིད་དགེ་ལུགས་པའི་སྲོལ་ཐོག་མར་གཏོད་མཁན་དུ་གྱུར་ཡོད།

གཤམ་གྱི་གློག་བརྙན་རྣམས་ཕྱི་ལོ་༢༠༠༧ལ་གསར་བཟོ་བྱས་པ་ཡིན་ཏེ། དེ་ནི་སེར་ཤུལ་དགོན་པའི་བཅའ་སྡོད་བརྙན་ལེན་མཁན་དང་ཁམས་གློག་བརྙན་ལས་གཞིའི་མཐུན་སྦྱོར་བ་བར་གྱི་མཉམ་འབྲེལ་ཆ་ཤས་སུ་གྱུར་ཡོད། མཉམ་ཞུགས་པས་སེར་ཤུལ་དགོན་པའི་སྤྱི་རྣམ་གློག་བརྙན་དུ་ཕབ་ནས་དེའི་ལོ་རྒྱུས་དང་ལོ་རྒྱུས་ཀྱི་མཚམས་རྟགས་རྣམས་མངོན་གསལ་འབུར་དུ་ཐོན་པ་བྱས་ཡོད། བྱས་འབྲས་གློག་བརྙན་ཐུང་ངུ་འདི་ནི་ལས་གཞི་མཐུན་སྦྱོར་བ་ཚེ་རིང་འཕེལ་ལོས་ལེན་ཐྲོའུ་དང་ནེལ་སིན་ཝོ་ཁིར་གཉིས་ཀྱི་བསམ་འཆར་དང་བསྟུན་ནས་ཕྱོགས་སྒྲིག་བྱས།

སེར་ཤུལ་ཁྲི་བ་རིན་པོ་ཆེ་དང་མཉམ་སྦྲེལ་བྱས་ཤིང་། ཤེ་ལི་དང་སྦྲོན་ནིལ་རོ་བྷན་ཐེབས་རྩ་ཚོགས་པའི་གཏོང་ཕོད་རྒྱབ་སྐྱོར་ལ་བརྟེན་ནས་ད་གཟོད་འབྱུང་སྲིད་པའི་མཐུན་རྐྱེན་གྲུབ་པ་ཞིག་ཡིན།


འཚོལ་ཞིབ།

  • སེར་ཤུལ་དགོན་པ།

ལས་ཞུགས་མི་སྣ་དང་ལས་ཁུངས།

Participant Filmmakers
Chönyi
Sönam Tsering
Chimé Dorjé
Sönam Drakpa

Facilitators
Rikpé Dorjé
Nelson Walker III
Philip Maysles
Tsering Perlo

Editor
Tsering Perlo

Subtitles/Translation
Tsering Perlo
Jann Ronis
Chelsea Hall
William McGrath

Series Producers
Lynn True
Nelson Walker III

Special Thanks
Triwa Rinpoche
David Germano
Cecil Matthai Esquivel-Obregón
University of Virginia
Columbia University


བརྙན་པར།


 སྔར་ལས་མང་བའི་གནས་ཚུལ།

སེར་ཤུལ་དགོན་སྐོར་གྱི་གནས་ཚུལ་སྔར་ལས་མང་བར་རྒྱུས་ལོན་བྱ་འདོད་ན་གཤམ་གྱི་དྲྭ་གནས་སུ་ཕེབས་ཤིག
འདིར་ཐུག་ཙམ་གནོན།